བདེ་ཆེན་ཁུལ་གྱིས་རིག་རྩལ་གསར་རྩོམ་དང་ལས་རིགས་ནུས་རྩལ་མཐོར་འདེགས་གཏོང་བའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།
ཀྲུང་གོ་བོད་ཀྱི་དྲ་བ། 2019-12-06 15:01:00

         ཉེ་ཆར། བདེ་ཆེན་ཁུལ་རིག་གནས་ཡུལ་སྐོར་ཅུའུ་དང་། ཁུལ་སྒྱུ་རྩལ་ཞིབ་འཇུག་སའོ། ཁུལ་གླུ་གར་གླིང་། ཁུལ་རིག་གནས་ཁང་བཅས་ཀྱིས་མཉམ་དུ་གཉེར་བའི་བདེ་ཆེན་ཁུལ་རིག་རྩལ་གསར་རྩོམ་དང་ལས་རིགས་མཐོར་འདེགས་གཏོང་བའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ་རེད།

གསོ་སྦྱོང་གི་ནང་དོན་ལ་《རྨང་གཞིའི་རོལ་དབྱངས་ཀྱི་གཞུང་ལུགས་དང་གླུ་ལེན་སྦྱོང་བརྡར་》《མི་རིགས་རོལ་དབྱངས་རོལ་ཆའི་རུ་ཁག་ཆུང་གྲས་སྒྲིག་སྦྱོར》《དེང་རབས་གར་སྟེགས་གསར་གཏོད་འདུ་ཤེས》《གླུ་གཞས་དབྱངས་རྟའི་རྣམ་པར་དབྱེ་ཞིབ》སོགས་ཀྱི་སློབ་ཁྲིད་མང་པོ་ཡོད་པ་དང་། ཡུན་ནན་གྱི་བཀོད་འདོམས་པ་གྲགས་ཅན་དང་དབྱངས་རྩོམ་མཁན་གྲགས་ཅན་ཀྲང་སི་ཡོན། གཞས་པ་དང་དབྱངས་རྩོམ་མཁན་ཧྥང་པིན། རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་རོལ་དབྱངས་སློབ་གསོའི་སློབ་ཚོགས་ཀྱི་ཚོགས་མི་ཚུན་ཞའོ་ལིན། ཡུན་ནན་ཞིང་ཆེན་རོལ་དབྱངས་མཐུན་ཚོགས་ཀྱི་ལས་འཛིན་པ་ཞིས་ཐིན། རོལ་དབྱངས་སྒྲིག་སྦྱོར་བ་དང་མཉམ་ལེན་བཀོད་འདོམས་པ་ལིག་རུའེ་ཐའོ་སོགས་ཆེད་དུ་གདན་ཞུ་བྱས་ཏེ། གཏིང་ཟབ་པའི་གཞུང་ལུགས་ཤེས་བྱ་དང་ཉམས་མྱོང་ཕུན་སུམ་ཚོགས་པའི་མཛུབ་ཁྲིད་རང་བཞིན་གྱི་སློབ་ཁྲིད་བྱེད་དུ་བཅུག་ཡོད་པ་རེད།

ཁུལ་ཡོངས་ཀྱི་གཞི་རིམ་རིག་རྩལ་ལས་དོན་པ་དང་རིག་རྩལ་རྐང་འཛིན་པ160ཙམ་གསོ་སྦྱོང་ནང་ཞུགས། སློབ་མ་ཚོས་གསོ་སྦྱོང་ནང་ཞུགས་པར་ཕན་པ་མི་ཉུང་བ་ཐོབ་ནས་དགེ་རྒན་ཚོའི་གསར་རྩོམ་གྱི་སྤྲོ་སེམས་ལ་ཤེས་རྟོག་དང་། གསར་རྩོམ་གྱི་རྩལ་ནུས་ལ་སློབ་སྦྱོང་། རིག་རྩལ་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད་ཅེས་གཅིག་རྗེས་གཉིས་མཐུད་དུ་བཤད།

      བདེ་ཆེན་ཁུལ་གླུ་གར་ཚོགས་པའི་ཚོགས་གཙོ་ཝང་ཝུན་ཕིན་གྱིས“བདེ་ཆེན་ཁུལ་ལ་ཕུལ་དུ་བྱུང་བའི་རིག་རྩལ་གསར་རྩོམ་གྱི་ས་གཤིས་གྲུབ་ཆ་ལྡན་མོད། འོན་ཀྱང་ཆེད་ལས་གསོ་སྦྱོང་གི་སློབ་ཁྲིད་ཆ་རྐྱེན་ཞན་པས། གསོ་སྦྱོང་འཛིན་གྲྭར་རྒྱལ་ནང་གི་ཆེད་མཁས་པ་གྲགས་ཅན་ཁག་གཅིག་གདན་དྲངས་ནས་བསམ་བློ་བརྗེ་རེས་ཀྱིས་སློབ་སྦྱོང་དང་ཞན་ཆ་ཁ་གསབ། གཞི་རིམ་རིག་རྩལ་རྐང་འཛིན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན། རང་ལྗོངས་ཀྱི་རིག་གནས་ལས་དོན་པའི་ཆེད་ལས་ནུས་པ་མཐོར་འདེགས། གསར་རྩོམ་གྱི་རྣམ་པ་བཟང་པོ་མངོན་པ་བཅས་བྱས་ནས་གསར་རྩོམ་མི་སྣའི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་འཕེལ་བར་སྐུལ་འདེད་ཆེན་པོ་གཏོང་དགོས་ཞེས་བཤད།

        གསོ་སྦྱོང་བྱེད་པའི་སྐབས། ཆེད་མཁས་པ་ཁུལ་མི་རིགས་གླུ་གར་ཚོགས་པའི་ལོ་འཁོར་དཔྱད་ཞིབ་རྒྱུགས་ལེན་ལས་དོན་ནང་ཞུགས་ནས་ཁུལ་གླུ་གར་ཚོགས་པ་དང་། གླུ་གཞས་ཚོགས་པ། རོལ་དབྱངས་ཚོགས་པ་བཅས་ལ་ཆེད་ལས་རང་བཞིན་གྱི་དཔྱད་བརྗོད་དང་མཛུབ་ཁྲིད་གནང་བ་རེད། །

打开APP阅读全文
相关新闻
×
前往APP查看全文,体验更佳!
确定
取消